ཨེབ་ཞེན་པོ་ལོ་ཙེག

༡༩༢༩ལོའི་ཟླ་བཅུ་བའི་ཚེས་ཉེར་དགུར་ཅེག་སི་ལོ་ཝ་ཀི་ཡའི་ནང་གི་ཇྷི་ལ་ཝ།

༡༩༦༩ལོའི་ཟླ་བཞི་པའི་ཚེས་དགུ་ཉིན་ཅེག་སི་ལོ་ཝ་ཀི་ཡའི་ནང་གི་ཇྷི་ལ་ཝ།

ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་དུས་སོ་ཝེ་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྗེས་འབྲངས་པ་རེད། ང་ཚོ་སོ་ཝེ་ཏ་སྤྱི་མཐུན་རྒྱལ་ཁབ་དང་ཉེ་བར་བཏུད་དེ་བསྐྱོད་པས་ན་ང་ཚོས་དེས་རྒྱབ་ཁོ་ན་ལས་མཐོང་མེད་པས། དེ་གོལ་ལམ་དུ་འཕྱན་ན་ང་ཚོའང་གོལ་ལམ་དུ་འཕྱན་གྱི་ཡོད། གལ་ཏེ་ང་ཚོས་མདུན་ཕྱོགས་ཀྱི་ཅུང་ཐག་རིང་ཙམ་གྱི་དམིགས་ཡུལ་ངོ་མ་དེར་བལྟས་ཡོད་པའམ། ང་ཚོས་འགྲུལ་བཞུད་རིང་མོ་འདིའི་ནང་དུ་ལྷམ་མ་འདྲ་བ་གྱོན་ཡོད་པའི་གནས་ལུགས་དེ་ཤེས་ཡོད་ན། ང་ཚོ་ད་ལྟ་བཞིན་དུ་ཐང་ཆད་མེད་ཀྱང་སྲིད།”

“༡༩༦༩ལོའི་ཟླ་གསུམ་པའི་ཚེས་ལྔ། ཨེབ་ཞེན་པོ་ལོ་ཙེག(Evžen Plocek)

༡༩༦༩ལོའི་ཟླ་བཞི་བའི་ཚེས་བཞི་རེས་གཟའ་པ་སངས་ཉིན་ཡི་ལ་ཝའི་(Jihlava)ཞི་བའི་བཞི་མདོའི་ཕྱོགས་སུ་འཐེན་པའི་སྲང་ལམ་སྟེང་དུ་རང་ལོ་སོ་བདུན་ཡིན་ཞིང་། མཚན་ལ་ཨེ་ཝ་པ་ལོ་སེ་ཀ་ཞུ་བའི་བཟོ་བ་ཞིག་གིས་རང་ལུས་ལ་བཞུ་བྱེད་གཤེར་ཁུ་བླུགས་ནས་མེ་རུ་བསྲེགས་ཡོད་པ་རེད།

ཨེབ་ཞེན་པོ་ལོ་ཙེག་ལགས་ནི་ཇྷ་ལ་ཝ་རུ་༡༩༢༩ལོའི་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་བཟོ་བའི་གྲལ་རིམ་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཁོང་ཆོས་ལུགས་ཀྱི་ཤན་ཤུགས་ཆེ་བའི་ཁོར་ཡུག་ཅིག་ཏུ་འཚར་ལོངས་བྱུང་། ཁོང་གི་སྤུན་མཆེད་ཧྥ་རན་ཀྱི་ཤེག་(František)དང་མཉམ་དུ་ཡེ་ཤུ་རྩེད་མོའི་ཚོགས་ཆུང་ལ་བཅར་ཞིང་། སི་ཁོ་ཊ་(Scout)ལས་འགུལ་ལའང་ཞུགས། ཁོང་༡༩༤༣ཙམ་དུ་གཞི་རིམ་དང་འབྲིང་རིམ་གྱི་སློབ་གྲྭ་ཐོན་པ་དང་ཇྷ་ལ་ཝི་རུ་ཡོད་པའི་ལའི་ཨོ་ནེལ་ཝེར་ཀ་(Lionel Werk)བཟོ་ལས་ཁང་དུ་ལག་ཆ་བཟོ་ལས་ཀྱི་སྦྱོང་བརྡར་བྱེད་མགོ་བཙུགས། ལོ་གསུམ་གྱི་རྗེས་སུ་ཚོང་ལས་གསར་བརྗེ་སྤྱི་མཐུན་ཚོགས་པའི་(RTUM)ཚོགས་མིར་གྱུར་ཏེ་པལ་རྒྱལ་ཡོངས་བཟོ་ཚོང་ཁང་(རྗེས་སུ་དེའི་མིང་བརྗེས་ཏེ་ཇྷ་ལ་ཝི་མོ་ཊོར་པལ་རྒྱལ་ཡོངས་བཟོ་ཚོང་ཁང་བཏགས)དུ་ལས་བགོས་བྱས་ཤིང་། བཟོ་གྲྭ་དེ་རུ་ཁོང་མ་གྲོངས་བར་དུ་ལས་ཀ་བྱས་ཏེ་བསྡད། ༡༩༥༠ ནས ༡༩༥༢ བར་དུ་དམག་ཏུ་ཞུགས་ཤིང་། ལས་ཡུན་ཚང་རྗེས་ཨེབ་ཞེན་པོ་ལོ་ཙེག་ལགས་ཛེ་ཌེ་ན་ཌོལ་ནི་ཀོ་ཝཱ་(Zdena Dolníková)དང་འཁྲུངས་ས་བསྐྱོན། ཁོ་མོའང་བཟོ་ལས་ཁང་དེའི་ཡིག་ཚང་དུ་ལས་ཀ་བྱེད་མཁན་ཞིག་ཡིན། ལོ་གཅིག་དང་ཕྱེད་ཀྱི་རྗེས་སུ་ཁོང་གཉིས་ཀྱི་བུ་ཡི་རི་(Jiří)ལགས་འཁྲུངས།

༡༩༥༥ལོར་པ་ལོ་སེ་ཀ་ལགས་ཅེག་སི་ལོ་ཝ་ཀི་ཡའི་དམར་ཤོག་ཚོགས་པའི་ཚོགས་མི་ཆགས་ཤིང་། ལོ་དེ་རང་དུ་ཚོང་ལས་གསར་བརྗེ་སྤྱི་མཐུན་ཚོགས་པའི་བཟོ་གྲྭའི་ཚོགས་ཆུང་གི་མགོ་གཙོའི་གོ་གནས་སྤྲད་པས་ལག་ཆ་བཟོ་ལས་ནས་ཐོན། ༡༩༦༠ནང་དུ་ཁོང་པ་རཱག་གི་ཚོང་ལས་སློབ་གྲྭ་ཆེན་མོ་ནས་ཕྱི་རྒྱལ་ཚོང་ལས་ཀྱི་ཐོག་ཡིག་འགྲུལ་ལམ་ནས་ཐོན་ཅིང་། ལོ་དེ་རང་དུ་ཚོང་ལས་སྤྱི་མཐུན་གྱི་གོ་གནས་བསྐྱུར་ཏེ་ཚོང་ལས་དང་འཕྲུལ་རིག་རོགས་སྐྱོར་སྡེ་ཚན་དུ་ལས་ཀ་བྱས་ཤིང་། ཁོང་སྡེ་ཚན་དེའི་མགོ་གཙོར་གྱུར།

ཨེབ་ཞེན་པོ་ལོ་ཙེག་ལགས་ནི་དམར་ཤོག་ཚོགས་པ་དང་ཅེག་སི་ལོ་ཝ་ཀ་ཡའི་སྤྱི་ཚོགས་ནང་དུ་བསྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན། ༡༩༦༨ལོའི་དཔྱིད་ཀར་ཁོང་དམར་ཤོག་ཚོགས་པའི་རྫོང་གི་ཚོགས་ཆུང་གི་ཚོགས་མིར་གྱུར། ལོ་དེའི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ཁོང་དབུས་ཀྱི་ཚོགས་མི་དང་དམར་ཤོག་ཚོགས་པའི་སྐབས་བཅུ་བཞི་པའི་གྲོས་ཚོགས་འཐུས་མིར་མིང་འདོན་བྱུང་། གྲོས་ཚོགས་དེ་ཝར་ས་སོ་པེ་ཏྲ་(Warsaw Pact) ཅེག་སི་ལོ་ཝ་ཀི་ཡར་བཙན་འཛུལ་བྱས་མ་ཐག་ཚོགས་ཤིང་། པ་ལོ་སེ་ཀ་ལགས་ཀྱང་བཅར། ཁོང་གིས་བཙན་འཛུལ་དེར་ཚོར་ཤུགས་དྲག་པོས་སྐྱོན་བརྗོད་བྱས།

བསྒྱུར་བཅོས་ལས་འགུལ་དེ་འགོག་སྡོམ་བྱས་པ་དེས་པ་ལོ་སེ་ཀ་ལགས་བློ་ཕམ་ཚད་མེད་བྱུང་ནའང་། ཁོང་གིས་ཅེག་སི་ལོ་ཝ་ཀི་ཡའི་གནས་སྟངས་དེ་རྩ་བ་ནས་རེ་བ་བྲལ་བ་ཞིག་ལ་ངོས་འཛིན་གནང་གི་མེད། ཁོང་གིས་༡༩༦༨ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་ཚོགས་པའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ལས་སླར་ལོག་རྗེས་བྲིས་པའི་སེམས་ཚོར་གྱིས་བྱུར་བུར་གཏམས་པའི་ཡི་གེ་དེའི་ནང་དུའང་དེ་གསལ་བོར་འཁོད་ཡོད། “དྲག་སྤྱོད་དེ་ཐོག་དང་པོར་ཐོབ་སོང་མོད། དེས་ང་ཚོའི་ལངས་ཕྱོགས་ནམ་ཡང་རྩ་མེད་བཏང་ཐུབ་མེད། ང་ཚོས་ང་ཚོའི་འཐུས་མི་ཚོའི་གོ་བབ་རྗེས་ལོན་ཡོང་གི་རེད། འདི་དག་ང་ཚོའི་དཔའ་བོ་ཚོའི་གོ་བབ་རེད། ངས་རང་གི་རྒྱལ་ཁབ་དང་། རང་དབང་། དམར་ཤོག་བཅས་ལ་དགའ་མོས་འདི་འདྲ་བྱེད་མཁན་ཉག་ཕྲ་བའི་རྒྱལ་ཁབ་འདིའི་རྒྱལ་སར་མཐོང་བ་འདྲ་ཞིག་ས་གང་དུ་ཡང་མཐོང་མ་མྱོང་།” ༡༩༦༩ལོའི་ཟླ་གསུམ་པའི་ཟླ་མགོ་ཙམ་ལ་ཇྷི་ལ་ཝ་རུ་ཚོགས་པའི་རྫོང་གི་ཚོགས་ཆུང་དུ་ཁོང་གིས་སྐྱོན་བརྗོད་ཀྱི་གསུང་བཤད་ཅིག་གནང་། སྐབས་དེར་ཁོང་གིས་ “རྟོག་གཞིགས་ཀྱི་ལས་ཀ་ནི་ཁང་པ་ལྗང་ཁུ་ཞིག་གི་ནང་དུ་སྐྱེ་བཞིན་པ་དང་ཁྱད་མི་འདུག་”ཅེས་སོགས་གསུངས་ཏེ་བཙན་འཛུལ་གྱི་རྗེས་སུ་སྤྱི་ཚོགས་ལ་དམར་ཤོག་ཚོགས་པའི་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མེད་ཀྱི་སྐོར་གསུངས་ཤིང་། ཅེག་སི་ལོ་ཝ་ཀི་ཡའི་གཞོན་ནུ་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་དང་བ་འདྲེན་པའི་ཁྱད་ཆོས་མེད་པ་དང་། སོ་ཝེ་ཏ་སྤྱི་མཐུན་རྒྱལ་ཁབ་དང་མཉམ་འབྲེལ་བྱས་པའི་བྱས་ཉེས་བཅས་ཀྱི་སྐོར་ཡང་གསུངས་ཡོད། ཁོང་གིས་དམར་ཤོག་ཚོགས་པ་རྩིག་པའི་ཕག་ཏུ་གབ་བསྡད་པར་སྐྱོན་བརྗོད་བྱས་ཤིང་། ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱས། ཁོང་གིས་ “མི་མང་གིས་ད་དུང་སྲིད་དོན་ཚོགས་པས་སྐད་ཆ་བཤད་ཡོང་བར་སྒུག་བཞིན་པ་དང་། དེར་མགོ་ཁྲིད་ཐུབ་ངེས་ཀྱི་སྲིད་དོན་ཚོགས་པ་ཞིག་ཡོད་པར་” ཡིད་ཆེས་གནང་།

ཨེ་ཝ་ཀཱན་ཊུར་ཀོ་ཝས་(Eva Kantůrková)ཁོང་གི་སྐོར་འདི་ལྟར་བྲིས་འདུག … པ་ལོ་སེ་ཀ་ལགས་ཀྱི་གཤིས་ཀར་འགྱུར་ལྡོག་འགྲོ་མགོ་ཚུགས་པའི་དུས་ནི་༡༩༦༩་ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་དེ་སུའུ་ཝེད་གཞུང་ལ་ངོ་རྒོལ་གྱིས་པ་རཱག་གི་ལས་ཁུངས་གཏོར་བཅོམ་བྱས་པ་དང་དུས་མཉམ་དུ་སི་ཊོ་ཁོ་ལམ་(Stockholm)དུ་ཚོགས་པའི་འཛམ་གླིང་ཧོ་ཀི་རྩེད་འགྲན་སྐབས་ཅེག་སི་ལོ་ཝ་ཀའི་ཧོ་ཀི་རུ་ཁག་གིས་སུའུ་ཝེད་རུ་ཁག་ཕམ་པར་བརྒྱབ་པའི་རྗེས་སུ་རེད། ཉེན་རྟོག་ཁང་ཕུང་དཀྲུགས་མཁན་ཞིག་གིས་གཏོར་བཅོམ་དེའི་སྣེ་ཁྲིད་བྱས་པར་འདྲ། ༡༩༦༩ ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཇྷི་ལ་ཝ་རུ་ཚོགས་པའི་དམར་ཤོག་ཚོགས་པའི་རྫོང་གི་གཙོ་འཛིན་ལྷན་ཚོགས་ཀྱི་ཟིན་བྲིས་སུ་འཁོད་པ་ལྟར་ན་ཁོང་གིས་དེའི་སྐོར་ལ་འོག་ཏུ་བཀོད་པ་ལྟར་གཏམ་གླེང་བྱས་ཡོད། “མགོ་རུ་ཡར་ཐོན་མེད་པའི་མི་འདི་འདྲ་བ་དག་བཞག་ཏེ་ང་ཚོགས་པ་འདིའི་ནང་བསྡད་རྒྱུ་མིན།” སྲིད་གཞུང་གིས་འདོན་བཞིན་པའི་བདུན་རེའི་ཚགས་ཤོག་པོ་ལི་ཊི་ཀ་(སྲིད་དོན)ཞེས་པ་དེ་བཀག་སྡོམ་བྱས། ཚགས་ཤོག་དེ་ནི་གཞུང་ལུགས་དང་སྲིད་དོན་སྐོར་བརྗོད་བྱ་བྱས་པའི་ཚགས་ཤོག་ཅིག་ཡིན། སྐབས་དེར་སྲིད་དོན་དང་བསྒྱུར་བཅོས་པ་རྣམས་ཀྱི་མགོ་ཁྲིད་ཀྱི་གོ་གནས་མེད་པ་ཆགས་ཀྱི་ཡོད། “བདེན་པ་སྨྲ་བ་ནི་གསར་བརྗེ་ཡིན” ཞེས་པའི་དམར་ཤོག་ཚོགས་པའི་རྩ་ཚིག་དེ་ཚགས་ཤོག་དེའི་མགོ་བརྗོད་ཡིན། འདི་དག་པ་ལོ་སེ་ཀ་ལགས་ཀྱིས་ཇྷ་ལ་ཝའི་ཞི་བའི་བཞི་མདོར་ཁུར་ཡོད་པའི་ཤོག་བྱང་གཉིས་ནས་གཅིག་གི་སྟེང་དུ་བྲིས་ཡོད། ཤོག་བྱང་གཞན་པ་དེའི་སྟེང་དུ་ཁོང་གིས་ “ང་མིའི་ངོ་གདོང་ཀྱི་ཆེད་དུ་འགྲེང་རྒྱུ་ཡིན། ང་སྙིང་མེད་པ་དག་ལ་འཚིག་པ་ཟ”ཞེས་བྲིས་ཡོད། ༡༩༦༩ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉེར་ལྔ་གཟའ་པ་སངས་ཉིན་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ། བཞི་མདོའི་ཕྱོགས་སུ་འཐེན་པའི་སྲང་ལམ་དེར་ཁོང་གིས་རང་ལུས་ལ་ཉེ་འགྲམ་གྱི་ཚོང་ཁང་ཞིག་ནས་ཉོས་ཡོང་བའི་བཞུ་བྱེད་གཤེར་ཁུ་བླུགས་ནས་མེ་རུ་བསྒྲོན་ཡོད་པ་རེད། སྐབས་དེར་བཞི་མདོ་དེར་ཁྲོམ་ཚོགས་ཤིག་འདུས་ཡོད་ཅིང་། ཁོང་གིས་ཤོག་བྱང་དེ་མེ་མདའ་འཕེན་སའི་ནང་བཞག་རྗེས་རང་ལུས་མེར་བསྲེགས་གནང་ཡོད། མི་རྣམས་རྩེ་དགོད་ལ་གཡེང་བཞིན་པས་ན་ཁོང་གི་བྱ་སྤྱོད་དེ་རྩེད་མཚར་གཞན་ཞིག་ཏུ་གོ་བ་བླངས་སོང་། ཅུང་འགོར་རྗེས་ད་གཟོད་ཁོ་ཚོས་མེ་གསོད་མགོ་བརྩམས།

ཨེ་ཧྥ་ཛེན་པ་ལོ་སེ་ཀ་ལགས་༡༩༦༩ ལོའི་ཟླ་བཞི་བའི་ཚེས་དགུ་ཉིན་ཇྷི་ལ་ཝའི་སྨན་ཁང་ཞིག་ཏུ་གྲོངས། ཉིན་གཉིས་ཀྱི་རྗེས་སུ་མོ་ཊོར་པལ་སྣ་འདུས་བཟོ་ཚོང་ཁང་ནས་གོམ་བགྲོད་བྱས་ཏེ་གཤིན་ཆོས་བསྒྲུབས། གཤིན་ཆོས་བྱེད་པར་མི་སྟོང་གཉིས་ནས་སྟོང་གཉིས་དང་ཕྱེད་ལྷག་བཅར་ཞིང་། ཇྷ་ལ་ཝའི་དུར་ཁྲོད་དུ་ཕུང་པོ་སྦས་སར་མི་སྟོང་གསུམ་ལྷག་བཅར་ཏེ་ཁོང་གི་གཤིན་ཆོས་དེ་དུས་ཆེན་ཆེ་ཤོས་ཤིག་ཏུ་གྱུར།

ཆ་མ་ཚང་བའི་གསར་འགྱུར་གཉིས་ལས་གཞན་རྒྱལ་ཡོངས་གསར་ཁང་གང་གིས་ཀྱང་གནས་ཚུལ་དེ་བཀོད་མེད། ཨེ་ཝ་ཀཱན་ཊུར་ཀོ་ཝ་ལྟར་ན་སྤྱི་མཐུན་བློན་ཆེན་ཨོལ་དྷི་རིག་ཅེར་ནིག་(Oldřich Černík)སྒེར་གྱིས་ཇྷི་ལ་ཝ་ཉེན་རྟོག་ཁང་ལ་གསར་ཁང་ལ་གནས་ཚུལ་སྤྲོད་མི་ཆོག་པའི་བཀའ་བཏང་འདུག ཡིན་ཡང་ཇྷི་ལ་ཝ་གསར་ཁང་གིས་རྫོང་གི་དམར་ཤོག་ཚོགས་པའི་གཙོ་འཛིན་ཁང་གི་ཁྱབ་བསྒྲགས་ལས་ལུང་འདྲེན་རྒྱ་ཆེན་པོ་བྱས་ཡོད། དེས་པ་ལོ་སེ་ཀ་ལགས་ཀྱི་སྲིད་དོན་བྱ་སྤྱོད་རྣམས་ཀྱི་དཔང་པོ་བྱས་ཡོད་ཀྱང་། ཡང་ “ཉེ་དུས་བྱུང་བའི་གནས་ཚུལ་རྣམས་ཀྱིས་ཁོང་སེམས་མི་བདེ་བར་གྱུར་བ་”དང་རྒྱུ་མཚན་དེས་ཁོང་གིས་རང་ལུས་མེར་བསྲེགས་བྱས་པའི་སྐོར་གྱི་བསྙོན་འཛུགས་ཀྱང་བྱས་ཡོད། རྒྱུ་མཚན་དེས་ས་གནས་དམར་ཤོག་ཚོགས་པས་ཁོང་གི་བྱ་སྤྱོད་དེ་ཡ་མེད་ཚ་དྲགས་པར་བཤད་པ་དྭང་ལེན་མ་བྱས། ཞིབ་བཤེར་བ་ཚོས་ཁོང་གི་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་དེས་ཇྷི་ལ་ཝ་ས་གནས་ལས་ཕྱིའི་མིའི་དོ་སྣང་མི་འགུག་པའི་ཆེད་གཟབ་ནན་གྱིས་བལྟ་སྲུང་བྱས།

གཞུང་ལ་ཁ་གཏོད་པའི་མི་མང་གི་རང་དབང་ལས་འགུལ་བ་རྣམས་ཀྱིས་ཁོང་ལ་དྲན་གསོ་བྱེད་སྐབས་ཏེ། ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་མི་མང་སྤྱིས་ད་གཟོད་ཁོང་ལ་དོ་སྣང་བྱ་མགོ་བརྩམས། པ་ལོ་སེ་ཀ་ལགས་དྲན་གསོ་ཞུ་ཆེད་ཇྷི་ལ་ཝའི་མ་ས་རི་ཀ་བཞི་མདོའི་མ་རི་ཨཱན་གྱི་འགྲམ་དུ་དྲན་གསོའི་རྟགས་མ་ཞིག་བཞེངས་ཡོད།

>>>

EICHLER, Patrik: Následovníci Jana Palacha. Evžen Plocek, In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 108–114.

KLUKAN, Petr: Zamlčená oběť. Almanach ke 40. výročí sebeupálení Evžena Plocka z Jihlavy, Jihlava 2009.

LEDERER, Jiří: Jan Palach. Zpráva o životě, činu a smrti českého studenta, In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 231–345.

ZÍDEK, Petr: Záhada pochodně č. 3, In: Lidové Noviny, 11. dubna 2009.