སློབ་གཉེར་གྱི་སྐོར།

“པ་ལ་ཁ་ནི་མི་ཁ་ཁུ་སིམ་པོ་དང་དྲང་བདེན་ཞིག་རེད། ཁོང་ནི་ལྟ་གྲུབ་སྨྲ་བ་ཞིག་དང་མཚུངས། ཕྱིས་སུ་ང་ཚོས་ཁོང་ནི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཡོད་པར་ཤེས་རྟོགས་བྱུང་། ཁོང་ནི་བློ་རྩ་གཏན་པོ་ཞིག་རེད། ཁོས་སློབ་སྦྱོང་བྱས་པའི་དམིགས་ཡུལ་ནི་ཡིགས་རྒྱུགས་ཀྱི་ཆེད་དུ་མ་ཡིན་པར་དངོས་པོའི་གཤིས་ལུགས་རྣམས་དཔྱིས་ཕྱིན་པར་ཤེས་ཆེད་རེད། ཁོང་གིས་ག་དུས་ཡིན་ནའང་མི་གཞན་ལ་སློབ་སྦྱོང་དང་སློབ་གྲྭ་དང་འབྲེལ་བའི་དཀའ་རྙོག་གི་ཐད་ལ་རོགས་རམ་བྱེད་རྒྱུར་དགའ། ཁོས་སློབ་སྦྱོང་དང་ཆབ་སྲིད་ཀྱི་དཀའ་རྙོག་དང་འབྲེལ་བའི་བགྲོ་གླེང་ལ་འཛུལ་ཞུགས་བྱེད་རྒྱུར་དགའ།”

པཱ་ཝལ་བུར་སཱ་(Pavel Bursa)། པ་ལ་ཁའི་སློབ་གྲོགས། པ་རཱག་གཙུག་ལག་སློབ་ཁང་གི་དཔལ་འབྱོར་རིག་པའི་སློབ་གཉེར་བ། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༨ཉིན།

གཞི་རིམ་སློབ་གྲྭར་མཐར་ཕྱིན་རྗེས་ཡཱན་པ་ལ་ཁ་ཡིས་པ་རཱག་ནང་གི་ཆར་ལི་སི་གཙུག་ལག་སློབ་གཉེར་ཁང་གི་སྐད་ཡིག་སྡེ་ཚན་ནང་ལོ་རྒྱུས་རིག་པ་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཡོད། ཁོས་འཛུལ་རྒྱུགས་བདེ་བླག་ངང་འཕྲོད་པ་ཡིན་ནའང་འཛུལ་ཞུགས་པ་ཁ་གྲངས་མང་བའི་རྐྱེན་གྱིས་ཁོང་ཉིད་སློབ་ཞུགས་བྱ་ཐུབ་མེད། དེར་བརྟེན་ཁོས་གཙུག་ལག་སློབ་ཁང་གི་དཔལ་འབྱོར་ཚན་པའི་ནང་དུ་འཛུལ་ཞུགས་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་དཔལ་འབྱོར་རིག་པའི་སྐོར་ལ་སློབ་སྦྱོང་བྱས། འོན་ཀྱང་དེ་ནི་ཁོང་གི་དམིགས་ཡུལ་དང་མཐུན་པའི་སློབ་སྦྱོང་ཞིག་མིན་ནའང་ཁོས་ལོ་ངོ་ཧྲིལ་པོ་གཉིས་རིང་གཙུག་ལག་སློབ་ཁང་འདིའི་ནང་དུ་ཡིག་རྒྱུགས་ཚར་བཅུ་དྲུག་ཙམ་བཏང་ནས་སློབ་ཕྲུག་གི་མི་ཚེ་ཚ་ཚ་འུར་འུར་ངང་ནས་འདས། ཕྱི་ལོ་༡༩༦༧ལོའི་དབྱར་དུས་སུ་ཁོང་ཉིད་ཀ་ཛར་སི་ཐན་(Kazakhstan)ལ་ཚོང་འབྲེལ་གྱི་ཡུལ་སྐོར་དུ་བསྐྱོད་པ་དང་ལོ་གཅིག་གི་རྗེས་སུ་ཁོང་ཉིད་ལེས་ནན་གྷ་ཌ་(Leningrad)ལ་འཕྲལ་སེལ་གྱི་དབྱར་ཚོང་གི་གོ་སྒྲིག་པ་གཙོ་བོར་གྱུར། ཕྱི་ལོ་༡༩༦༨ལོའི་དཔྱིད་རྒོལ་ཁོང་གི་རོགས་རམ་ལ་བརྟེན་ནས་གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་ཚན་པའི་སློབ་གཉེར་བའི་ཤེས་ཡོན་ལྷན་ཚོགས་(Academic Council of Students)ཞེས་པ་དབུ་བརྙེས།

གཙུག་ལག་སློབ་ཁང་དུ་སློབ་གཉེར་བྱས་རིང་ཡཱན་པ་ལ་ཁ་ཡིས་པ་རཱག་གི་དཔྱིད་རྒོལ་1 (Prague Spiring) ཀྱི་བྲོ་བ་ཡོངས་སུ་མྱོང་རྒྱུ་བྱུང་བ་དང་དེ་ནི་ཁོང་གི་མི་ཚེའི་ཁ་ཕྱོགས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཆགས་ཡོད། ཁོང་ནི་སྔོན་མ་ནས་བཟུང་ཆབ་སྲིད་ལ་དོ་སྣང་ཡོད་མཁན་ཞིག་ཡིན་(དཔེར་ན། ཁོང་གིས་ཨ་ལེ་ཛན་ཌར་སོ་ཛན་ཎི་སིན་Aleksandr Solzhenitsynགྱི་འཕྲིན་ཡིག་དང། ལཱུད་ཝིག་ཝ་ཙུ་ལིག Ludvík Vaculík(ཅེག་སྒེར་དཔར་Czech samizdat ཡི་རྩོམ་པ་པོ་ཞིག)ཡི་ཡིག་དང། རྩོམ་པ་པོའི་བགྲོ་གླེང་ལ་གདམས་པའི་བཀའ་སློབ་བཅས་ཀྱི་ཡིག་ཆ་མང་པོ་ཞིག་གྲོགས་པོ་ཚོར་བཀྲམས་ཡོད་པ་ལྟ་བུའོ།) ཕྱི་ལོ་༡༩༦༨ལོར་ཁོང་ཉིད་མི་དམངས་དང་འབྲེལ་བ་བྱེད་རྒྱུ་ལྷག་པར་མང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༡༩༦༨ལོའི་དཔྱིད་རྒོལ་སུ་ཁོང་གིས་བགྲོ་གླེང་དང་ཐུག་འཕྲད་མང་པོ་ཞིག་གི་ནང་ཆ་ཤས་བླངས་ཡོད།

>>>

ཡཱན་པ་ལ་ཁས་ཕྱི་ལོ་༡༩༦༨ལོའི་དབྱར་དུས་མང་ཆེ་བར་སོ་ཝེ་ཏའི་མཐུན་ཚོགས་(Soviet Union)སུ་ཕྱིན་ནས་བསྐྱལ་ཡོད་པ་དང་མཐར་ཕྱི་ལོ་༡༩༦༨ལོའི་ཟླ་བ་༨པའི་ཚེས་༡༧ཉིན་ཕྱིར་ལོག་བསླེབས། ཁོང་ཉིད་ཕྱིར་ཁྱིམ་དུ་འཁོར་སྐབས་དགའ་འོས་པའི་གནས་ཚུལ་ཞིག་གིས་ཁོང་ལ་བསུ་མ་བྱས་ཡོད་པ་ནི་ཁོང་གིས་རེ་ཞུས་ལྟར་ཁོང་ཉིད་རིག་གནས་སྡེ་ཚན་(Faculty of Arts)དུ་ཕྱིར་གནས་སྤོར་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པ་དེ་རེད། ཁོང་ཉིད་ཝི་ཤེ་ཏ་ཏི་སུ་སྡོད་རིང་རྒྱལ་ཁབ་ལྔ་ལས་འདུས་པའི་ཝར་སོ་པེག་ཊ་(Warsaw Pact)དམག་དཔུང་གིས་ཅེག་སི་ལོ་ཝ་ཀི་ཡ་ལ་དཔུང་འཇུག་བྱེད་བཞིན་པ་མིག་མཐོང་ལག་ཟིན་བྱུང་། ཕྱི་ལོ་༡༩༦༨ལོའི་ཟླ་བ་༨ཚེས་༢༡ཉིན་ཁོང་ཉིད་པ་རཱག་དུ་ཡོང་ནས་ཉིན་ཤས་བསྡད། ཁོང་ཉིན་ཝི་ཤེ་ཏ་ཏི་ལ་ཕྱིར་ལོག་རྗེས་ཁོང་དང་ཁོང་གི་གྲོགས་པ་ཁ་ཤས་ཀྱིས་ཁྲོམ་ལམ་དུ་བཙན་རྒོལ་གྱི་སྦྱར་ཡིག་མང་དུ་བཀྲམས།

ཕྱི་ལོ་༡༩༦༨ལོའི་ཟླ་བ་༡༠པ་འགོ་བཙུགས་མ་ཐག་ཡཱན་པ་ལ་ཁ་ཐེངས་དང་པོ་ནུབ་ཕྱོགས་རྒྱལ་ཁབ་དུ་ལྟ་སྐོར་ལ་ཕྱིན། ཁོང་གིས་སོ་ཝེ་ཏ་ལྷན་ཚོགས་ཀྱི་ནང་དབྱར་ཁའི་ལས་ཀ་རྣམས་གོ་སྒྲིག་ཆེད་དུ་ཧྥ་རན་སི་ལ་སྐོར་སྐྱོད་བྱས་ནས་རྒུན་འབྲུམ་བསྡུ་རོགས་བྱས། ཁོང་ཉིན་ཕྱི་ལོ་༡༩༦༨ལོའི་ཟླ་བ་༡༠ཚེས་༡༩ཉིན་ཕྱིར་ཅེག་སི་ལོ་ཝ་ཀི་ཡ་རུ་ལོག་བསླེབས། སྐབས་དེར་གྲོས་ཚོགས་ཀྱིས་གནས་སྐབས་རིང་སོ་ཝེ་ཏའི་དམག་དཔུང་རྒྱ་སྐྱེད་བྱེད་རྒྱུའི་གྲོས་མོལ་བྱུང་ནས་ཉིན་གཅིག་ལས་ཕྱིན་མེད།

>>>