ཝཱ་སིལ་མཱ་ཀུག་

༡༩༢༧ སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི། ཀ་རི་ཧྤ།(Kariv)

༡༩༦༨ སྤྱི་ཟླ་བཅུ་གཅིག་པའི་ཚེས་དྲུག ཁེའི་ཧྥ། (Kiev)

“དམར་ཤོག་མི་སེར་སྤེལ་མཁན་ཚོ་ཕམ་པར་རྒྱོབས། ཡུའུ་ཀ་རན་རང་དབང་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག ཅེག་སི་ལོ་ཝ་ཀི་ཡར་བཙན་འཛུལ་བྱེད་མཁན་ཚོ་ཕམ་པ་རྒྱོབས།”

༡༩༦༨ སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ། ཝཱ་སིལ་མཱ་ཀུག།

༡༩༦༨ ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཡུའུ་ཀ་རན་གྱེན་ལངས་དམག་གི་དམག་མི་ཟུར་པ་དང་། ཆབ་སྲིད་བཙོན་པ་ཟུར་པ་ཡིན་པ་མཚན་ལ་ཝཱ་སིལ་མཱ་ཀུག་(དགུང་ལོ་བཞི་བཅུ) ཞུ་བ་ཞིག་རང་ལུས་ལ་ས་སྣུམ་བླུགས་ནས་མེར་བསྲེགས་བཏང་གནང་ཡོད་པ་རེད། ཁོས་དེ་འདྲ་བྱེད་དོན་ནི་སོ་ཝེ་ཏ་གཞུང་གིས་ཡུའུ་ཀ་རན་ལ་དབང་སྒྱུར་བྱས་པ་

བསྲེགས་བཏང་གནང་ཡོད་པ་རེད། ཁོས་དེ་འདྲ་བྱེད་དོན་ནི་སོ་ཝེ་ཏ་གཞུང་གིས་ཡུའུ་ཀ་རན་ལ་དབང་སྒྱུར་བྱས་པ་དང་། ཅེག་སི་ལོ་ཝ་ཀི་ཨ་ལ་བཙན་འཛུལ་བྱས་པ་བཅས་ལ་ངོ་རྒོལ་བྱ་ཕྱིར་ཡིན་པ་རེད། ཝཱ་སིལ་ཨོ་མེལ་ཡ་ནོ་ཝིད་ཁ་མཱ་ཀུག་(Vasyl Omelyanovytch Makuch)ལགས་ནི་ཕྱི་ལོ ༡༩༢༧ སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་དེ་དུས་པོ་ལན་གྱི་ཝའོ་ཝ་བོའི་བོ་དྷེ་ཤིབ་(Lwow Voivodeship)ཀྱི་ཁོངས་སུ་གཏོགས་པའི་ཀ་རི་ཧྤ་ལ་སྐུ་འཁྲུངས། ཁོང་དཔའ་བོའི་ཁྱིམ་རྒྱུད་ནས་ཡོང་བས་རྒྱུན་དུ་ཡུའུ་ཀ་རན་བཅིངས་གྲོལ་གཏོང་བའི་ལྟ་བ་དང་རྒྱལ་ཞེན་གྱི་ལས་འགུལ་རྣམས་ལ་སྤྲོ་སྣང་ཆེ། ༡༩༤༤ ལོར་ཨ་ཕ་དང་ཁྱིམ་མཚེས་རྣམས་ཀྱི་ཤུགས་རྐྱེན་འོག་ཁོང་ཡུའུ་ཀ་རན་གྱེན་ལངས་དམག་(UPA) གི་གསང་བའི་སྒྲིགས་འཛུགས་ལ་ཞུགས། དམག་ཁང་ནས་ཁོང་གི་གསང་མིང་ལ་མེའི་ཀོ་ལ་(Mykola)བཏགས། ༡༩༤༦ ལོའི་སྤྱི་ཟླ་གཉིས་པའི་ནང་དམག་འཐབ་ཅིག་གི་སྐབས་ཁོང་ལ་མདེའུ་ཐེབས་ཏེ། NKVD ཡི་ལག་ཏུ་ལྷུང་། ༡༩༤༦ སྤྱི་ཟླ་གཉིས་པའི་ཚེས་བཅོ་ལྔ་ལ་ཁོང་དངོས་སུ་འཇུ་བཟུང་བྱས། ཝའོ་ཝ་བཙོན་ཁང་དུ་བསྡད་པའི་རིང་ཁོང་ལ་འདྲི་བརྩད་དྲག་པོ་བྱས་ཤིང་། ༡༩༤༦ ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་དམག་མིའི་ཁྲིམས་ཞིབ་ཁང་གིས་ཁོང་ལ་ལོ་བཅུའི་རིང་ངལ་རྩོལ་བསྒྱུར་བཀོལ་གྱི་ཆད་པ་བཅད། ཁོང་གིས་ལོ་བཅུ་ལས་ཕལ་ཆེ་བ་སི་བྷེ་རི་ཨའི་(Siberia) ངལ་རྩོལ་གཞིས་སྒར་ནས་བསྐྱལ། ༡༩༥༥ ལོའི་སྤྱི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ལ་ཁོང་གློད་གྲོལ་བྱས་ཏེ་ཕྱི་ཡུལ་དུ་རྒྱང་འབུད་བཏང་། སི་བྷེ་རི་ཨ་རུ་ཡུལ་གྱར་དུ་འགྲོ་སྐབས་མཱ་ཀུག་ལགས་ལི་དི་ཡ་ཨི་ཝ་ནིབ་ན་ཛྷ་པ་ར་(Lidiya Ivanivna Zapara)ལ་ཐུག ཁོ་མོ་ནི་འཁྲབ་སྟོན་མ་ཞིག་ཡིན་ཞིང་། འཇར་མན་གྱི་བཙན་འཛུལ་སྐབས་ཁོ་མོ་རང་གི་མ་ཡར་དང་མཉམ་དུ་གཞུང་གི་དྲིལ་བསྒྲགས་སྟེགས་བུར་མཉམ་ཞུགས་བྱས་པའི་ཉེས་མིང་འོག་རང་ལོ་བཅུ་བདུན་སྐབས་བཙོན་དུ་བཅུག་ཏེ་ལོ་བཅུའི་རིང་ངལ་རྩོལ་བསྒྱུར་བཀོལ་དང་ལོ་ལྔའི་རིང་ཡུལ་གྱར་དུ་འགྲོ་དགོས་བྱུང་། ཁོང་གཉིས་ཤིན་ཏུ་འཆམ་པོར་གྱུར་ཏེ། ལི་དི་ཡ་ཝ་སིལ་ལས་ལོ་གཉིས་ཙམ་གྱི་སྔོན་དུ་གློད་གྲོལ་བྱས་ཀྱང་ཁོང་གཉིས་མུ་མཐུད་དུ་ཡིག་འབྲེལ་གནང་། ༡༩༥༦ སྤྱི་ཟླ་བཞི་བའི་ཚེས་དྲུག་ཉིན་ཁོང་གློད་གྲོལ་ཐོབ་ཀྱང་། ཡུའུ་ཀ་རན་ནུབ་རྒྱུད་དུ་སྡོད་མི་ཆོག་པར་བཟོས། དེ་བས་ཁོང་ཌི་ནི་པ་རོ་པེ་ཏྲོ་ཧྤས་ཀ

༡༩༦༨ ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཡུའུ་ཀ་རན་གྱེན་ལངས་དམག་གི་དམག་མི་ཟུར་པ་དང་། ཆབ་སྲིད་བཙོན་པ་ཟུར་པ་ཡིན་པ་མཚན་ལ་ཝཱ་སིལ་མཱ་ཀུག་(དགུང་ལོ་བཞི་བཅུ) ཞུ་བ་ཞིག་རང་ལུས་ལ་ས་སྣུམ་བླུགས་ནས་མེར་་(Dnipropetrovsk)ལ་ཕེབས་ཐོན་གྱིས་དེར་ལི་དི་ཡ་དང་ཆང་ས་བརྒྱབ། ཁོང་གཉིས་ཀྱི་བུ་མོ་ཨོ་ལྷ་(Olha) ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་སྐྱེས་ཤིང་། ཁོང་གཉིས་ཀྱི་བུ་བོ་ལོ་ཌི་མིར་(Volodymyr) ལོ་བཞིའི་རྗེས་སུ་སྐྱེས།

མཱ་ཀུག་ལགས་ཀྱིས་ཐོག་དང་པོར་པོ་རོམ་ཙིང་ཀ་(Promcynk) བཟོ་གྲྭར་ལས་ཀ་བྱས། རྗེས་སུ་དེ་བསྐྱུར་ནས་ཁྱིམ་ཆས་བསྐྱར་བཟོའི་ལས་ཀ་བྱས། ཁོང་དགོང་མོའི་འཛིན་གྲྭར་ཞུགས་ཏེ་སློབ་འབྲིང་མཐར་ཕྱིན་ནས་སློབ་གསོའི་རིག་པའི་སྡེ་ཚན་ཁོངས་སུ་ཚུད་མོད། ཡིན་ཡང་རིང་པོར་མ་འགོར་བར་ཁོང་གི་འདས་པའི་དུས་ཀྱི་བཙོན་འཇུག་གི་དོན་རྐྱེན་དེས་རྐྱེན་བྱས་ཏེ་སློབ་གྲྭ་ནས་ཕྱིར་འབུད་བཏང་། ཁོང་གིས་དགོང་མོའི་འཛིན་གྲྭར་བཅར་ཆོག་པའམ་དུས་ཡུན་ཐུང་ངུའི་རིང་གི་འཛིན་གྲྭར་ཞུགས་ཆོག་པའི་རེ་འདུན་བཏོན་གནང་ཡང་ཆོག་མཆན་མ་སྤྲད། ལི་དི་ཡས་མ་བྱན་གྱི་ལས་ཀ་བྱས། ཁོང་བཟའ་ཚོ་གཉིས་ཀྱིས་བུ་ཕྲུག་རྣམས་ཡུའུ་ཀ་རན་གྱི་སྔོན་འགྲོའི་སློབ་གྲྭར་བསྐྱལ་མོད། ཡིན་ཡང་བུ་ཕྲུག་གཉིས་བྱིས་པ་གཞན་ཚོའི་ཐུབ་ཚོད་གཏང་ཡུལ་དུ་གྱུར། དེའི་རྒྱུ་རྐྱེན་ནི་ཁོང་གཉིས་ཀྱིས་ཡུའུ་ཀ་རན་སྐད་ཀྱི་ནང་སྐད་ཆ་བཤད་ཀྱིན་ཡོད་པས་རེད། དགེ་རྒན་ཚོས་ཀྱང་དེ་སྣང་མེད་བཏང་།

མཱ་ཀུག་ལགས་དེ་དུས་ཀྱང་སྲིད་དོན་ཐོག་འཁྲུགས་ཆ་དོད། ཁོང་ཡང་ནས་ཡང་དུ་ཝོའོ་ཝ་དང་ཁེའི་ཧྤ་བཅས་ལ་ཕེབས་ཤིང་། མི་མང་དང་ཐུག་འཕྲད་ཀྱིས་ཁོང་གི་བསམ་ཚུལ་རྣམས་བཤད་པར་མ་ཟད། བཙོན་དུ་ཡོད་པའི་གྲོགས་པོ་ཚོ་ལའང་ཡིག་འབྲེལ་བྱས། མི་མང་རྣམས་ཌི་ནི་པ་རོ་པེ་ཏྲོ་ཧྤས་ཀར་ཡོད་པའི་ཁོང་གི་ཁྱིམ་དུ་འདུས་ཏེ་ “ཡར་ཐོན་ཅན་གྱི་སྤྱི་ཚོགས་རིང་ལུགས་”གསར་བ་ཞིག་གི་འོག་ཡུའུ་ཀ་རན་བཅིངས་གྲོལ་གཏང་བར་འཐབ་འཛིང་ཇི་ལྟར་བྱེད་དགོས་པའི་སྐོར་ལ་གྲོས་བསྡུར་བྱས། ཁོང་གིས་རང་གི་དགོངས་ཚུལ་རྣམས་སྦས་གསང་མེད་པར་བཤད་པས་ལམ་སེང་KGB ཡིས་ཁོང་ལ་དོ་སྣང་བྱེད་མགོ་བཙུགས་ཏེ། ཁོང་དང་ཁོང་གི་ཆུང་མ་གཉིས་གསང་བའི་ཉེན་རྟོག་པའི་རྟོག་ཞིབ་འོག་ཏུ་ལུས།

༡༩༦༨ ལོའི་དུས་དེབ་ཝི་ཅི་ན་(vitcyzna) (“ཕ་ཡུལ”)ནང་དུ་བཀོད་པའི་ཨོ་ལེ་སི་ཧོན་ཙར་(Oles Honcar)གྱི་སྒྲུང་རིང་སོ་བྷོར་(ལྷ་ཁང་)གྱིས་མཱ་ཀུག་ལགས་ཀྱི་སེམས་སུ་བག་ཆགས་ཟབ་མོ་བཞག དེ་དཔར་དུ་བསྐྲུན་རྗེས་རྩོམ་པ་པོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་ལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་བ་དེས་ཁོང་ལ་ཕོག་ཐུག་ཆེན་པོ་བཟོས། དེ་ནང་བཞིན་ ༡༩༦༨ ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་མགོ་འཛུགས་བྱས་པའི་ཝར་སའོ་པེག་(Warsaw Pact)གི་ཚོགས་མི་རྒྱལ་ཁབ་ལྔའི་དམག་གིས་ཅེག་སི་ལོ་ཝ་ཀི་ཡ་བཙན་བཟུང་བྱས་པ་དེར་ཡང་ཁོང་ཐུགས་མོས་མ་བྱུང་། བཙན་འཛུལ་དེར་ཁ་གཏོད་གཅོག་ཕྱིར་ཁོང་གིས་ཆུང་མ་ལ་ཡུའུ་ཀ་རན་གྱི་རང་དབང་དང་ཁོང་གི་བུ་ཕྲུག་དག་གི་མ་འོངས་པའི་ཆེད་དུ་རང་ཉིད་བློས་བཏང་བྱེད་ཐུབ་ཚུལ་བཤད།

༡༩༦༨ ལོའི་སྤྱི་ཟླ་བཅུ་བའི་ནང་དུ་མཱ་ཀུགས་ཉིན་འགའི་གུང་གསེང་བླངས་ནས་ཀ་རི་ཧྥ་རུ་རང་གི་སྲིང་མོ་ཐུག་པར་བསྐྱོད། ཁོང་འགྲོ་ཁར་ཆུང་མ་དང་བུ་ཕྲུག་དག་ལ་ “གལ་སྲིད་ང་ལ་རྐྱེན་ཆག་འདྲ་བྱུང་སོང་ན། ང་ཁྱེད་མ་བུ་རྣམས་ལ་ཤིན་ཏུ་དགའ་བ་མ་བརྗེད་རོགས” ཞེས་བཤད། ཁོང་གིས་ཕ་ཁྱིམ་ནས་ཁིའི་ཧྥ་དང་། ནི་ཀོ་པོལ། ཌི་ནི་པ་རོ་པེ་ཏྲོ་ཧྤས་ཀ་བཅས་སུ་ཡོད་པའི་གྲོགས་པོ་ཚོ་ལ་ཡིག་འབྲེལ་ཐེངས་འགའ་གནང་ཞིང་། ཆུང་མ་ལ་ཡི་གེ་ཐེངས་གཅིག་བཏང་། དེ་དག་ཡོད་ཚད་ཀྱི་མཇུག་ཏུ་ “བི་བད་ཡུའུ་ཀ་རན་”ཞེས་བྲིས་ཡོད།

༡༩༦༨ ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཁྲོམ་གཟིགས་ཁང་བྷེ་ས་ར་བྷི་ཨའི་(Bessarabia)ཉེ་འགྲམ་དུ་ཡོད་པའི་རྒྱ་ལམ་ཁ་རེས་ཆཱ་ཏི་ཡ་ཀའི་ཁང་པ་ཨང་ཉེར་བདུན་པའི་སྒོ་ཁར་(Chreshchatyk)མཱ་ཀུག་ལགས་ཀྱིས་རང་གི་ལུས་ལ་ས་སྣུམ་བླུགས་ནས་རང་ལུས་མེ་རུ་བསྲེགས་དེ། དེང་སང་རང་བཙན་བཞི་མདོ་རུ་འབོད་པ་དེའི་ཕྱོགས་སུ་རྒྱུགས་ཏེ་“དམར་ཤོག་མི་སེར་སྤེལ་མཁན་ཚོ་ཕམ་པ་རྒྱོབས། ཡུའུ་ཀ་རན་རང་དབང་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག ཅེག་སི་ལོ་ཝ་ཀི་ཡར་བཙན་འཛུལ་བྱེད་མཁན་ཚོ་ཕམ་པ་རྒྱོབས ”ཞེས་སྐད་འབོད་གནང་བ་རེད། དེར་བྲོས་འགྲོ་མཁན་གྱི་མི་མང་པོ་ཡོད་ལ། ཁོང་གི་སྐུ་གཟུགས་ཀྱི་མེ་གསོད་ཐབས་བྱེད་མཁན་གྱི་ཉེན་རྟོག་པའང་མི་ཉུང་བ་ཞིག་ཡོད། མཐར་ཁོང་དྲན་མེད་དུ་ལུས་ཤིང་། སྐུ་གཟུགས་ཀྱི་བརྒྱ་ཆ་བདུན་ཅུ་ལྷག་འཚིག་ཏེ་སྨན་ཁང་དུ་ཁུར་བའི་ཕྱི་ཉིན་དེར་གྲོངས་ཡོད།

གསང་བའི་ཉེན་རྟོག་པ་ཚོས་མཱ་ཀུག་ལགས་ཀྱི་ཆུང་མར་འབྲེལ་བ་བྱས་ཏེ་ཁོ་མོའི་ཁྱོ་གར་ན་ཚ་ལྕི་མོ་ཞིག་ཕོག་ཡོད་ཚུལ་བཤད། ལི་དི་ཡ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་བརྒྱད་ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ཉིན་ཁོ་མོའི་ཕ་ཚབ་ཨི་བཱན་ཙི་པུ་ཁ་(Ivan Cypuch)དང་ལྷན་དུ་ཁེའུ་ཧྤ་ལ་འབྱོར། ཁོ་གཉིས་དེར་འབྱོར་བ་དང་བཙན་བཟུང་བྱས། ཁོ་མོའི་དཔང་ཡིག་ལྟར་ན་ཁོ་གཉིས་མཚན་གང་བོར་ཁང་མིག་གྲང་མོ་ཞིག་ཏུ་བཙུད་ཅིང་། ཕྱི་ཉིན་ཕུང་པོ་ཡོད་སར་ཁྲིད་འདུག ཁེའུ་ཧྤུ་རུ་བརྟན་གཞི་བྱས་པའི་གྱོད་དོན་མྱུལ་ཞིབ་ཁང་གིས་ཉིན་དེ་རང་ལ་མཱ་ཀུག་ལགས་ཀྱི་རང་ཤི་དང་འབྲེལ་བའི་གནད་དོན་ལ་ཞིབ་འཇུག་བྱེད་མགོ་བརྩམས།

ལི་དི་ཡ་དང་ཁོང་གི་ཕ་ཚབ་གཉིས་ལ་ལྟ་ཞིབ་ནན་མོ་བྱས་ཤིང་། ཁོང་གཉིས་མི་སུ་དང་ཡང་སྐད་ཆ་བཤད་མ་བཅུག ཡུའུ་ཀ་རན་ནུབ་རྒྱུད་དུ་གཞི་ཆགས་པའི་ཁོང་ཚོའི་གཉེན་ཉེ་དག་མཱ་ཀུག་ལགས་ཀྱི་ཕུང་པོ་ཁོང་ཚོའི་ཉེ་འཁྲིས་སུ་སྦས་འདོད་ཡོད་ཀྱང་། ལི་དི་ཡ་མོ་དང་མོའི་བྱིས་པ་ཚོའི་ཐག་ཉེ་ཞིག་ཏུ་སྦས་འདོད་ཡོད། མཐའ་མར་ཁོང་གི་སྐུ་ཕུང་ཌི་ནི་པ་རོ་པེ་ཏྲོ་ཧྤས་ཀ་(Dnepropetrovsk) རུ་སྦས། རྗེས་འཇུག་གི་ཆོ་ག་རྣམས་KGB ཡི་བཀོད་བྱུས་འོག་བྱེད་དགོས་བྱུང་། གཤིན་ཆོས་བྱེད་སར་བཅར་བའི་མི་ཡོད་ཚད་པར་དུ་བཏབ་ཅིང་། ཞིབ་གཤེར་བྱས། དེ་རྗེས་ཀྱི་ཟླ་བ་གསུམ་གྱི་རིང་ལི་དི་ཡ་འདྲི་བརྩད་ཀྱི་ཆེད་ཐེངས་ཁ་ཤས་སྐད་བཏང་། KGB ཡིས་ཁོ་མོར་མཱ་ཀུག་སུ་དང་ཐུག་འཕྲད་བྱས་ཡོད་པ་དང་ཅི་ཞིག་བཤད་ཡོད་པ་སོགས་དྲི་བ་སྣ་ཚོགས་དྲིས། ལི་དི་ཡ་འདྲི་བརྩད་དེ་ཚོར་བཅར་བ་མང་དྲག་ཏེ་མཐར་ལས་ཀའང་ཤོར། དེ་ནས་ལོ་ཤས་ཀྱི་རིང་ལས་ཀ་གསར་བ་ཞིག་མ་རག་པར་ལུས། ཁྱིམ་མི་རྣམས་འཚོ་ཐུབ་ཙམ་བྱུང་། ལི་དི་ཡས་བྱིས་པ་ཚོའི་འཚོ་རྟེན་གྱི་ཆེད་དུ་ཅ་ལག་ཡོད་ཚད་བཙོང་དགོས་བྱུང་། མཐར་མེ་འཁོར་ས་ཚིགས་ཀྱི་ཟ་ཁང་ཆུང་ཆུང་ཞིག་ཏུ་ཁོ་མོར་ལས་ཀ་ཞིག་རག མཱ་ཀུག་ལགས་ཀྱི་སྲིང་མོ་པ་རཱས་ཀ་ཨཱོས་མི་ལོ་ཧྤ་སི་ཀ་(Paraska Osmylovska)ལའང་འདྲི་བརྩད་བྱས། ༡༩༦༨ སྤྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ཁོ་མོ་དང་པོར་ས་གནས་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཤིང་། དེ་རྗེས་སོ་ལོ་ཀོར་(Soloko) བརྟན་གཞི་བྱས་པའི་KGB་ཡི་ལས་ཁུངས་སུ་ཁྲིད། ཞིབ་འཇུག་པ་ཚོས་མཱ་ཀུག་ལགས་ཀྱིས་རང་སྲོག་བཅད་པ་དེ་ཁྲིམས་འགལ་ཚོགས་པ་ཞིག་གི་འཆར་གཞི་ཆེན་པོ་ཞིག་གི་ཆ་ཤས་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པས། ཁོ་ཚོས་གནས་ཚུལ་ངོ་མ་རྙེད་ཐབས་སུ་དྲག་སྤྱོད་བྱེད་པར་ཐེ་མི་ཚོམ། ཨཱོས་མི་ལོ་ཧྤ་སི་ཀའི་ཁྱོ་གས་གསུངས་གསལ་ལ་ཁོ་མོའི་གློ་བ་ལ་གནོད་སྐྱོན་ཐེབས་ཏེ་ལུད་པར་ཁྲག་འདྲིས་འདུག་ཟེར། འདྲི་བརྩད་དེའི་རྐྱེན་པས་ལོ་གཉིས་ཀྱི་རྗེས་སུ་ཁོ་མོ་གྲོངས།

ཡུའུ་ཀ་རན་གྱི་གསར་འགོད་པ་ཚོས་ཝ་སིལ་མཱ་ཀུག་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱི་སྐོར་དེ་རྒྱང་སྒྲོགས་གཏན་ནས་མ་བྱས། ཡིན་ཡང་ཡུའུ་ཀ་རན་གྱི་གཞུང་རྒོལ་བ་ཚོའི་བཀའ་དྲིན་འོག་ཕྱི་རྒྱལ་གསར་འགོད་པ་ཚོས་འོག་གི་གནས་ཚུལ་དེ་རྒྱང་སྒྲོགས་བྱ་རྒྱུ་བྱུང་བ་གཤམ་ལྟར། “ཡུའུ་ཀ་རན་གྱི་མི་སེར་ཝ་སིལ་མཱ་ཀུག་ལགས་དམར་ཤོག་གཞུང་ལ་ངོ་རྒོལ་བྱ་བ་དང་། ཡུའུ་ཀ་རན་མི་མང་ལ་བཙན་གནོན་གཏོང་བར་ངོ་རྒོལ་བྱ་བ། སོ་ཝེ་ཏ་གཞུང་གིས་ཅེག་སི་ལོ་ཝ་ཀི་ཡ་ལ་བཙན་འཛུལ་བྱེད་པར་ངོ་རྒོལ་བྱ་བ་བཅས་ཀྱི་ཆེད་དུ་རང་ལུས་མེ་རུ་བསྒྲོན་ཡོད་པ་རེད། སྔོན་ཆད་མ་བྱུང་བའི་ཁོང་གི་བྱ་གཞག་འདི་དང་བློ་ཁོག་ཆེན་པོའི་སྦྱོར་བ་འདི་ལ་འཛམ་གླིང་ཚོགས་སྡེ་ཚང་མས་གུས་འདུད་ཞུ།” ཡིན་ཡང་རྒྱལ་ནང་ནས་ཀྱང་མཱ་ཀུག་ལགས་ཀྱི་བློས་གཏོང་དེ་ལ་ཡ་ལན་མེད་པར་གནས་མ་བྱུང་། ཡེ་ཧྤུ་ཧེན་པ་རཱོན་ཡུའུ་ཀས་(Yevhen Pronyuk) མིང་དངོས་སུ་མ་སྨྲས་པར་ཡུའུ་ཀ་རན་མི་མང་གི་ཁྲོད་དུ་གཞུང་གིས་བཀག་ཟིན་པའི་བརྩམས་ཆོས་ཤིག་ལྟར་རྒྱུ་བཞིན་པའི་དཔའ་བོ་ཞིག་ལ་རྗེས་དྲན་བྱེད་པ་ཞེས་པའི་རྩོམ་ཡིག་ཅིག་བྲིས། དེས་རྐྱེན་བྱས་ཏེ་གཞུང་གིས་དམ་དྲག་ཆེ་རུ་བཏང་། བྷོ་དྷན་ཛ་བྷཱན་དང་སི་ཊེ་ཧྤཱན་བྷེ་ཌ་རི་ལོ་(Bhodan Czaban and Stefan Bedrylo) གཉིས་(མོ་ཌ་བིན་ནས་འཇུས་ཏེ་ལོ་གཉིས་ཀྱི་བཙན་འཇུག་ཁྲིམས་ཐག་བཅད)རྩོམ་ཡིག་འདི་ཁྱབ་སྤེལ་ཤུགས་ཆེན་པོ་ཕྱིན་པ་ལ་བརྟེན་ནས་འཇུ་བཟུང་བྱས།

ཆོག་” ཅེས་སོགས་ཀྱི་འབོད་ཚིག་བསྒྲགས་གནང་ཞིང་། མཐར་ཁོང་འཇུ་བཟུང་བྱས་ཏེ་ལོ་གཉིས་དང་ཕྱེད་ཀྱི་བཙན་འཇུག་ཁྲིམས་ཐག་བཅད། ༡༩༧༨ སྤྱི་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་ཏེ་ཡུའུ་ཀ་རན་སྤྱི་མཐུན་རྒྱལ་ཁབ་ཁྱབ་སྒྲོགས་བྱས་ཏེ་ལོ་དྲུག་ཅུ་ཕྱིན་པའི་རྗེས་སུ་ཨོ་ལེག་ས་ཧིར་ནིག་(Oleksa Hirnyk)ལགས་ཀྱིས་ཀ་ནི་ཧྤ་(Kaniv)རུ་ཡོད་པའི་ཏ་རཱས་ཤེ་ཧྤ་ཆེན་ཀོའི་(Taras Shevchenko)དུར་ཁུང་ཉེ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་བ་རེད། ཁོང་གིས་ཤོག་བྱང་གི་སྟེང་དུ་ཡུའུ་རན་པ་རྣམས་ཨུ་རུ་སུའི་བཙན་གནོན་གྱི་ཁ་གཏད་དུ་ལངས་དགོས་པའི་སྐོར་བྲིས་ཡོད།

དེར་མ་ཟད་རང་ལུས་མེར་བསྲེགས་ངོ་རྒོལ་གྱི་ཐབས་ལམ་བདམས་གནང་མཁན་མཱ་ཀུག་གཅིག་པུ་མ་རེད། དམག་མི་ཟུར་པ་མི་ཀོ་ལ་བྷེ་རེས་ལ་ཧྤ་སི་ཀ་ཨི་(Mykola Bereslavskyi) ཡིས་ཀྱང་༡༩༦༩ ལོར་མཱ་ཀུག་ལགས་རང་ལུས་མེར་བསྲེགས་གནང་སའི་རྒྱ་ལམ་དེ་རང་དུ་རང་ལུས་མེར་བསྲེགས་གཏོང་གྲབས་བྱས། ཁོང་གིས་ “ཡུའུ་ཀ་རན་རང་དབང་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག་”ཅེས་དང་། “ཡུའུ་ཀ་རན་མི་མང་ལ་མི་རིགས་དབྱེ་འབྱེད་བྱེད་མི་ དེ་ལྟར་ལགས་མོད་ཀྱང་ལོ་ངོ་ལྔ་བཅུའི་རྗེས་སུ་མཱ་ཀུགའི་ངོ་རྒོལ་དེ་ཡུའུ་ཀ་རན་ནང་དུའང་ཤེས་མཁན་ཉུང་ངུ་ལས་མེད། ཁོང་གིས་ཁ་རེས་ཆཱ་ཏི་ཡ་ཀ་སྲང་ལམ་དུ་རང་ལུས་མེར་བསྲེགས་བྱས་པའི་སྐོར་ཅི་ཡང་ཤེས་མཁན་མེད། ཉིས་སྟོང་དྲུག་གི་ལོར་ཡུའུ་ཀ་རན་པའི་ཆབ་སྲིད་བཙོན་པ་དང་གྲོང་ཟིན་པ་རྣམས་ཀྱི་ཚོགས་པའི་ཡན་ལག་པ་རོ་པེ་ཊ་རོ་ཧྤ་ས་ཀ་(Dnipropetrovsk)་ས་གནས་ཚོགས་ཆུང་གིས་སྲིད་འཛིན་ཝི་ཀ་ཊོར་ཡུའུ་ཤ་ཆེན་ཀོ་(Viktor Yushchenko)ལ་ཡུའུ་ཀ་རན་པའི་དཔའ་བོ་དྲན་རྟེན་བྱ་དགའ་དེ་མཱ་ཀུག་ལགས་ལ་འབུལ་དགོས་ཚུལ་ཞུས་ཀྱང་། སྲིད་འཛིན་གྱིས་ཡ་ལན་གཏན་ནས་མ་བྱས།

ཉིས་སྟོང་བརྒྱད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ཝཱ་སིལ་མཱ་ཀུག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྗེས་དྲན་འདུ་ཚོགས་དེ་རང་བཙན་བཞི་མདོ་རུ་བསྡུས། ཉིན་དེ་རང་དུ་ཌོ་ནེ་ཊ་ས་ཀ་རུ་ཡོད་པའི་Chernobyl-Help NGO ཚོགས་ཁང་དབུས་མ་རུ་མཱ་ཀུག་དང་ཧིར་ནེག་(Hirnyk) གཉིས་དྲན་རྟེན་དུ་ལམ་སྒྲོན་འགྲེམ་སྟོན་ཁང་(Torch museum)དབུ་འབྱེད་བྱས། ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བཅུ་བའི་ནང་ཀེ་ཧྤ་གཞོན་ནུ་ལས་འགུལ་ཁང་གིས་ 《རང་བཙན་གྱི་རྩ་བ》 ཞེས་པའི་དཔེ་དེབ་དེ་དཔར་བསྐྲུན་འགྲེམས་སྤེལ་བྱས། དེབ་དེའི་ནང་དུ་ཡུའུ་ཀ་རན་གྱི་རང་དབང་བསྐྱར་གསོའི་དོན་དུ་འཐབ་རྩོད་བྱེད་མྱོང་བའི་མི་ཉི་ཤུ་ཙམ་གྱི་ལོ་རྒྱུས་འཁོད་ཡོད་ཅིང་། མཱ་ཀུག་ལགས་ཀྱི་ལོ་རྒྱུས་ཀྱང་དེའི་ནང་དུ་འཁོད་ཡོད།

ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་མི་འགའ་ཞིག་མཱ་ཀུག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སའི་ས་ཆ་དེར་འཛོམས་ནས་ཁོང་གི་འདྲ་པར་བཤམས་ཤིང་། ཁོང་གི་ལས་ཁུངས་ཀྱི་མཚན་བྲིས། ཀེ་ཧྥ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཡིན་ཞིང་། གཞོན་ནུ་དཔའ་བོའི་ཚོགས་པའི་ཚོགས་གཙོ་ཡིན་པ་ཨར་སེན་པུ་ཤ་ཀ་རེན་ཀོ་(Arsen Pushkarenko) ལགས་ཀྱིས་ཅེག་(Czech) དང་སི་ལོ་ཝ་ཀའི་(Slovak)གཞུང་ལ་མཱ་ཀུག་ལགས་ཀྱི་བྱས་རྗེས་དེ་ལ་གདེང་འཇོག་བྱེད་དགོས་ཚུལ་གསུངས་པ་རེད། ཁོང་གིས་ “ཁོང་ལ་གདེང་འཇོག་མ་བྱས་ན་ཡུའུ་ཀ་རན་སྲིད་གཞུང་ངོ་ཚ་དགོས་པ་རེད།”ཅེས་གསུངས་ཡོད།

>>>

Він сподівався, що Україна прокинеться, in: Слово просвіти, č. 38 (363), 21. 9. 2006, s. 7, 10

В´ятрович, Володимир: Українське відлуння "празької весни" (Ukrajinské ohlasy Pražského jara), česky vyjde v časopise Dějiny a současnost na zač. roku 2013

Гармаш, Надія: Він сподівався, що Україна прокинеться, in: Слово просвіти, č. 38 (363), 21. 9. 2006, s. 7, 10

Довгаль, Сергій: Вогонь протесту. Самоспалення Василя Макуха у 1968 році на Хрещатику освітило радянські злочини, in: Україна молода, 5. 6. 2004, http://www.umoloda.kiev.ua/number/194/163/6839/

Міжнародний біоґрафічний словник дисидентів країн Центральної та Східної Європи й колишнього СРСР. Т. 1. Україна. Частина 1, Харківська правозахисна група Права людини, Харків 2006, s. 419–421

Нечипоренко, Микола: Смолоскипом осяяв Хрещату дорогу, in: Сільські вісті, № 64 (17895), 6. 6. 2006

Пам’яті героя (про В. Макуха), in: У боротьбі за волю України, Кн. 2., Львів 2003, s. 75–78

Сахаров, Геннадій: Забутий герой України, in: Українська газета, № 21 (69), 1. 6. 2006, http://ukrgazeta.plus.org.ua/article.php?ida=498

Сидорук, Аркадій: Людина-смолоскип, in: Український тиждень, 7. 11. 2011, http://tyzhden.ua/History/34776

Skůpová, Kateřina: Ukrajinské opoziční hnutí na konci 60. let 20. století a vliv československých událostí roku 1968 na jeho vývoj. Diplomová práce, FSV UK, Praha 2004, http://katchenka.webz.cz/cosi/diplomka_spk.pdf

http://archive.khpg.org/index.php?id=1184404827 http://donetshina.ucoz.org/publ/rozdumi_z_privodu/velikij_sin_velikogo_narodu/4-1-0-240 http://history.franko.lviv.ua/IIm.htm http://www.chasipodii.net/article/9407/?vsid=040067543ce11ae55eb2b2b33fa4b7d8 http://maidan.org.ua/static/lvivmai/1196183982.html http://youtu.be/aeSCvkQQopE