Československý filmový týdeník 4/1969
འདིའི་ནང་དུ་གསར་འགོད་པ་ཞིག་གི་མིག་ནང་ནས་མཐོང་བའི་ཁོང་གི་གྲོངས་རྐྱེན་ལ་མི་མང་གིས་ལན་ལྡོན་ཚུལ་རྣམས་སྟོན།
Československý filmový týdeník 5/1969
འདིའི་ནང་དུ་གསར་འགོད་པ་ཞིག་གི་མིག་ནང་ནས་མཐོང་བའི་ཁོང་གི་གྲོངས་རྐྱེན་ལ་མི་མང་གིས་ལན་ལྡོན་ཚུལ་རྣམས་སྟོན།
Jan 69 (Stanislav Milota, 1969)
འདིའི་ནང་དུ་དོན་རྐྱེན་དེ་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་ཐོག་ནས་སྟོན།
Ticho (Milan Peer, 1969)
འདི་ནི་དེང་དུས་ཀྱི་གློག་བརྙན་ཡིན་པ་ལ་བྷོ་ཌཱན་མི་ཀོ་ལ་ཤེག་(Bohdan Mikolášek)ལགས་ཀྱི་གླུ་ལྷིང་འཇགས་ཞེས་པ་དེ་རྒྱབ་ཀྱི་རོལ་དབྱངས་སུ་བཞག་པའི་གློག་བརྙན་ཞིག་རེད། དངོས་བྱུང་འདིའི་ནང་དུ་ཡཱན་པ་ལ་ཁ་གྲོངས་པའི་རྗེས་ཀྱི་སྤྱི་ཚོགས་ཀྱི་མཁའ་དབུགས་སྐོར་གསལ་ཡོད།
Tryzna (Vlado Kubenko, 1969)
དངོས་བྱུང་གློག་བརྙན་འདིའི་ནང་དུ་༡༩༦༧ལོའི་སྤྱི་ཟླ་དང་པོའི་ནང་དུ་པ་རག་དང་བྷ་ར་ཏི་ས་ལ་ཝ་རུ་འཚོགས་པའི་རྗེས་དྲན་འདུས་ཚོགས་སྐབས་ཀྱི་བྱུང་བ་རྣམས་གསལ་ཡོད།
Příběh Palachova hrobu (Dobroslav Zborník, 1996)
དངོས་བྱུང་གློག་བརྙན་འདིའི་ནང་དུ་ཨོལ་ཤ་ནི་དུར་ཁྲོད་ནས་ཁོང་གི་བང་སོ་ཕྱིར་བཏོན་པའི་སྐོར་བརྙན་དུ་ཕབ་ཡོད།
Poselství Jana Palacha (Kristiny Vlachové, 2008)
དངོས་བྱུང་གློག་བརྙན་ “ཡཱན་པ་ལ་ཁའི་བརྗིད་ཉམས་”ཀྱི་ཚན་པ་འདིའི་ནང་དུ་ཁོང་གིས་རང་ལུས་མེར་བསྲེགས་གནང་བའི་སྐབས་དང་དེའི་རྗེས་ཀྱི་རྗེས་དྲན་བྱས་ཚུལ་བཅས་གསལ་ཡོད།
སོ་ཝེ་ཏ་ལྷན་ཚོགས་ནང་གི་དཔལ་འབྱོར་རིག་པའི་མཐོ་སློབ་ཀྱི་སློབ་མ། ༼ཡི་རི བྷི་སི་ཏི་རི་ཅན། ༡༩༦༧༽
བརྙན་འཕྲིན་འདི་ནི་སློབ་གཉེར་བ་ཞིག་གིས་སྤྱི་ལོ་༡༩༦༧ལོར་སོ་ཝི་ཏ་ལྷན་ཚོགས་ནང་གི་དཔལ་འབྱོར་རིག་པའི་མཐོ་སློབ་ཀྱི་སློབ་མ་ཚོའི་དབྱར་དུས་ཀྱི་ལས་ཀའི་སྐབས་སུ་ཡཱན་པ་ལ་ཁ་དང་ལྷན་དུ་བཟོས་གནང་བ་ཞིག་རེད། བརྙན་འཕྲིན་འདི་ནི་ཡཱན་པ་ལ་ཁས་རང་ལུས་མེར་བསྲེགས་མ་བཏང་སྔོན་གྱི་ཁོང་གི་སྐོར་གྱི་གློག་བརྙན་གཅིག་པུ་དེ་ཆགས་ཡོད།
རེ་ཞར་ཌི་ཤི་ཝེ་ཙི་(Ryszard Siwiec)ཀྱིས་ངོ་རྒོལ། ༼༡༩༦༨ལོའི་ཟླ་བ་༩ཚེས་༨༽
StBཀྱི་ཚོགས་མི་ཚོས་རེ་ཞར་ཌི་ཤི་ཝ་ཙི་ཡིས་ཝར་སོ་ནང་ཡོད་པའི་ཌ་ཛ་སི་ཁོ་ལི་ཁའི་རྩེད་ཐང་དུ་རང་ལུས་མེར་བསྲེགས་སྐོར་ཀྱི་གནས་ཚུལ་བསྡུ་རུབ་བྱས་པ་ཞིག་རེད། འདི་ནི་སྤྱི་ལོ་༢༠༠༣་པོ་ལི་ཤི་ཡའི་རྒྱལ་ཡོངས་དྲན་རྟེན་ཚོགས་པའི་ནང་དུ་རྙེད་སོན་མ་བྱུང་བར་དུ་དེ་སྔོན་གང་ཡང་ཤེས་རྟོགས་མེད།
ཐོ་མི་སི་ ཧ་ལི་ཀའི་བཀའ་སློབ། ༼༢༠༠༩ལོའི་ཟླ་བ༡པོའི་ཚེས་༡༦༽
གཙུག་ལག་སློབ་དཔོན་ཆེན་མོ་ཐོ་མི་སི་ ཧ་ལི་ཀས་སེན་ཏྲ་སལ་ཝ་ཏོར་ཆོས་ཁང་(St. Salvátor Church)དུ་ཡཱན་པ་ལ་ཁས་རང་ལུས་མེར་བསྲེགས་བཏང་ནས་མི་ལོ་༤༠འཁོར་བའི་དུས་དྲན་ཐོག་གནང་བའི་བཀའ་སློབ་ཅིག་རེད།