དངོས་བྱུང་གློག་བརྙན།

འདིར་ཁྱེད་ཀྱིས་ཡཱན་པ་ལ་ཁ་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་དང་གློག་བརྙན་སོགས་ལ་བལྟ་ཐུབ། Československe filmové týdeníky (ཅེག་ཀོ་སི་ལོ་ཝ་ཀའི་བརྙན་འཕྲིན་གསར་འགྱུར་)ནང་དུ་གསར་འགོད་པ་ཞིག་གི་མིག་ནང་ནས་མཐོང་བའི་ཁོང་གི་གྲོངས་རྐྱེན་ལ་མི་མང་གིས་ལན་ལྡོན་ཚུལ་རྣམས་སྟོན། Ticho(ལྷིང་འཇགས)དང་གཞན་Jan69(ཡཱན༦༩)ནང་དུ་དོན་རྐྱེན་དེ་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་ཐོག་ནས་སྟོན། Tryzna(རྗེས་དྲན་དུས་སྟོན)་དུ་༡༩༦༧ལོའི་སྤྱི་ཟླ་དང་པོའི་ནང་དུ་པ་རག་དང་བྷ་ར་ཏི་ས་ལ་ཝ་རུ་འཚོགས་པའི་རྗེས་དྲན་འདུས་ཚོགས་སྐབས་ཀྱི་བྱུང་བ་རྣམས་འཁོད་ཡོད། ད་དུང་དངོས་ཡོད་གློག་བརྙན་Příběh Palachova hrobu(པ་ལ་ཁའི་བང་སོའི་གཏམ་རྒྱུད་)དངPoselství Jana Palacha(ཡཱན་པ་ལ་ཁའི་བརྗིད་ཉམས་)བཅས་སུ་ཁོང་གིས་རང་ལུས་མེར་བསྲེགས་གནང་པའི་སྐབས་དང་དེའི་རྗེས་ཀྱི་རྗེས་དྲན་བྱས་ཚུལ། ད་དུང་ཨོལ་ས་ནི་དུར་ཁྲོད་ནས་ཁོང་གི་བང་སོ་ཕྱིར་བཏོན་པའི་སྐོར་སོགས་བརྙན་དུ་ཕབ་ཡོད། དོན་རྐྱེན་འདི་དག་མི་ཆེས་མང་པོ་ཞིག་གིས་མིག་མཐོང་བྱུང་ཡོད། དེར་མ་ཟད་ད་དུང་གློག་བརྙན་གལ་ཆེན་གཉིས་ཡོད་པ་ལས་གཅིག་ནི Studenti VŠE v Sovětském svazu(ཅེག་གི་ཚོང་དོན་སློབ་ཆེན་གྱི་སློབ་མ་སོ་ཝེ་ཡད་ལ་གཟིགས་སྐོར་)ཞེས་པ་དེ་རེད། དེ་ནི་སློབ་གྲྭ་དེའི་སློབ་མ་ཞིག་གིས༡༩༦༧ལོར་ཡཱན་པ་ལ་ཁའི་དབྱར་དུས་ཀྱི་ལས་ཀའི་སྐབས་སུ་བརྒྱབ་པ་ཞིག་རེད། གློག་བརྙན་དུ་ཕབ་མཁན་ནི་སློབ་མ་དེའི་སྤུན་ཧུ་བྷེར་ཊི་བྷི་སི་ཏི་རི་ཅན་(Hubert Bystřičan)ཞུ་བ་ཁོང་རེད། གློག་བརྙན་གཞན་དེའི་ནང་དུ་རེ་ཛར་ཌ་ཤི་ཝེ་ཙི་(Ryszard Siwiec)ལགས་ཀྱིས་ཝར་སའོ་རུ་ཆགས་པའི་ཛྷེ་སི་ཡེ་ཙི་ཡོ་ལེ་ཙི་ཡ་(Dziesieciolecia)ལྡིང་ཆའི་སྟེང་དུ༡༩༦༨ལོའི་སྤྱི་ཟླ་དགུ་བའི་ཚེས༨ཉིན་རང་ལུས་མེར་བསྲེགས་བྱས་པའི་སྐོར་དེ་ཡོད། གློག་བརྙན་དེ་བརྙན་དུ་ཕབ་མཁནStBཡི་ཚོགས་མི་རྣམས་ཡིན་ཞིང་། གློག་བརྙན་ངོ་མ་དེ་ཝར་སའོ་རུ་པོ་ལན་རྒྱལ་ཡོངས་རྗེས་དྲན་ཁང་དུ་ལོ་རྒྱུས་ཡིག་ཚགས་སུ་ཉར་ཡོད། གློག་བརྙན་མཐའ་མ་དེ་སློབ་དཔོན་ཆེན་མོ་ཐོ་མཱ་ས་ཧ་ལིག་(Tomáš Halík)གིས་སལ་ཝ་ཊོར་ལྷ་ཁང་(St. Salvartor )དུ་ཡཱན་པ་ལ་ཁས་རང་ལུས་མེར་བསྲེགས་གནང་ནས་ལོ་ངོ་བཞི་བཅུ་འཁོར་བའི་དུས་དྲན་དུ་གནང་བའི་འབེལ་གཏམ་བརྙན་དུ་ཕབ་དེ་རེད།

>>>