ཡཱན་པ་ལ་ཁའི་རྗེས་དྲན།

དབྱིན་ཡུལ་གྱི་རྒྱལ་ས་ལོཎ་ཌན། ལེཌ་བྷ་རོཀ་ས་གནས་ཨང་ ༢༢ པ།

“ཡཱན་པ་ལ་ཁས་ང་ཚོར་ཁོང་གིས་ཐག་བཅད་པའི་ལམ་དེར་ཞུགས་དགོས་མིན་དྲིས་ཡོད་དམ་ཞེ་ན། ང་ཚོས་དེ་ལྟར་རྩ་ནས་བཤད་མེད་ཅེས་ལན་འདེབས་ཞུ་རྒྱུ་ཡིན། སུ་གཅིག་སྲོག་གཅོད་འཇུག་གི་མ་རེད། གང་ལྟར་ཁོས་རང་ཉིད་ཀྱི་དགོས་འདུན་བསྒྲུབས་པས། ང་ཚོ་ཡི་ཤུ་པ་ཡིན་པའི་ངོས་ནས་ཁོང་ལ་ཉེས་འཛུགས་བྱེད་ཀྱི་མིན། འོན་ཀྱང་དེ་བས་སྐུལ་སློང་གང་ཞིག་གིས་ཁོང་ལས་དེར་འཇུག་པ་སོགས་ཤེས་རྟོགས་ཐུབ་པར་འབད་ཀྱིན་ཡོད།”

ཡཱན་ལང་གིས་ ༡༩༧༨ ཟླ་བ་ ༨ པ་ལ།

ཟླ་བ་བརྒྱད་པའི་ཅེག་སི་ལོ་ཝ་ཀི་ཡ་བཙན་འཛུལ་བྱས་ནས་དུས་དྲན་ཐེངས་བཅུ་པ་དེ་སྲུང་བརྩི་བྱེད་པའི་ཉིན་མོར། ལོཎ་ཌོན་(London)ལ་ཡཱན་པ་ལ་ཁ་དྲན་རྟེན་ཞིག་ཞལ་འབྱེད་བྱས་པ་རེད། སྤྱི་ལོ་༡༩༧༨ ཟླ་བ་ ༨ ནས་དྲན་རྟེན་དེ། ༡༩༦༤ ལོར་བཙུཊ་པའི་ཅེག་དང་སི་ལོ་ཝ་ཀ་ཚོགས་འདུས་བསྟི་གནས་ཝེ་ལེ་ཧ་ར་དྷ་ཁང་ཆེན་(Velehrad House)སྟེང་ན་ཡོད་པ་རེད། དྲན་རྟེན་དེ་ནི་ཡབ་ཇེ་སུཊ་ཡཱན་ལང་(Jesuit Father Jan Lang,1919-2007) གིས་རེ་བ་ལྟར་བཞེངས་པ་རེད། ཡུལ་བྱོལ་བ་(expatriates)དང་དབྱིན་ཇི་སྲིད་དོན་པ་མང་པོས་དྲན་རྟེན་ཞལ་འབྱེད་ཀྱི་མཛད་སྒོ་དེར་མཉམ་ཞུགས་བྱས་ཡོད་པ་རེད།

ཅེག་སྒྱུ་རྩལ་བ་ཧྥ་རེན་ཀྱི་ཤེག་བྷི་ཡེལ་སི་ཀི་(František Bělský,1921-2000) གིས་འབུར་བརྐོས་དཀྱུས་མ་མེར་འབར་བཞིན་པའི་སྐུ་འདྲ་ཞིག་བཟོས་པ་རེད། སྒྱུ་རྩལ་བ་ཁོང་ནི་ན་ཛིས་བཙན་འཛུལ་(Nazi occupation)དུས་སྐབས་སུ་ཕ་རན་སི་དང་དབྱིན་ལན་ (Great Britian) དུ་ཡོད་པའི་ཅེག་སི་ལོ་ཝ་ཀ་གི་ཕྱི་རྒྱལ་དམག་དཔུང་གི་ཚོགས་མི་ཞིག་རེད། དམག་འཁྲུག་དེ་མཇུག་གྲུབ་རྗེས་ཁོང་ཅེག་སི་ལོ་ཝ་ཀི་ཡ་ལ་ཕྱིར་ལོག་པ་རེད། འོན་ཀྱང་སྤྱི་ལོ་ ༡༩༤༨ ཟླ་བ་ ༢ རྗེས་སུ་ཁོང་སླར་དབྱིན་ལན་དུ་ཕྱིན་པ་རེད། རྒྱུན་ལྡན་ཡཱན་པ་ལ་ཁ་དྲན་རྟེན་གྱི་ས་གནས་སུ་རྗེས་དྲན་སྲུང་བརྩི་ཞུ་གི་ཡོད་པ་རེད།

པ་ལ་ཁའི་མེར་སྲེག་དོན་རྐྱེན་དེས་དབྱིན་ལན་དུ་ད་དུང་གཡོ་འགུལ་གཞན་མང་པོ་ཐེབས་ཡོད། དཔེར་ན་ཡཱན་ཀ་བན་(Jan Kavan)གིས་འཛིན་སྐྱོང་འོག་གི་བཙན་བྱོལ་གསར་ཤོག་ཁང་གི་པ་ལ་ཁ་གསར་ཤོག་ལི་མི་ཊིཌ་(Palach Press Limited)ཞེས་པ་དེ་དབྱིན་ལན་དུ་ ༡༩༧༤ ནས་ ༡༩༩༠ བར་འཁྲུག་ཆ་དོད་པོར་གྱུར་པ་རེད།