པ་རཱག་གི་དཔྱིད་རྒོལ།
“ད་ལན་དཔྱིད་ཀར་དམག་འཁྲུག་དེ་མཇུག་གྲུབ་ཟིན་པས། ང་ཚོར་སླར་ཡང་གོ་སྐབས་བཟང་པོ་ཞིག་སྩལ་བྱུང་། ད་ཐེངས་སླར་ཡང་ང་ཚོ་ལ་སྤྱི་པའི་རྩ་དོན་དེའི་ཆེད་དུ་རང་རང་གི་ལག་པ་བསྲིང་རྒྱུའི་གོ་སྐབས་ཐོབ་པ་རེད་ལ། ལས་དོན་དེ་ཉིད་དོན་དུ་གཉེར་བ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཞེས་བརྗོད་བཞིན། ང་ཚོའི་འདས་པའི་མཚན་སྙན་དང་རང་ཉིད་ལ་ཡོད་པའི་བསམ་འཆར་ལེགས་པོ་རྣམས་ཀྱིས་དེ་ཉིད་རྣམ་པ་བཟང་པོ་ཞིག་བསྐྲུན་བཞིན་ཡོད། དཔྱིད་ཀ་རྫོགས་ཟིན་པས་བསྐྱར་དུ་ཕྱིར་གཏན་ནས་ལོག་མི་སྲིད། དགུན་ཁ་སླེབས་དུས་ང་ཚོས་གཞི་ནས་རྟོགས་ངེས། ངལ་རྩོལ་བ་དང། ཞིང་པ། ལས་སྣེ་བ། སྒྱུར་རྩལ་པ། མཁས་དབང་། ཚན་རིག་པ། འཕྲུལ་ལས་པ། གཞན་ཡང་རྣམ་པ་ཚང་མར་ཞུ་རྒྱུར། ང་ཚོའི་བསྒྲགས་གཏམ་མཇུག་སྒྲིལ་བ་ཡིན། འདི་ནི་ཚན་རིག་པ་དང་མཁས་དབང་རྣམས་པའི་རེ་བ་བཏོན་པ་ལྟར་བྲིས་པ་ལགས་སོ།།”
༩༦༨ ཟླ་བ་༦ ཚེས་ ༢༧ ཉིན་ཡིག་འབྲུ་ཉིས་སྟོང་ཅན་གྱི་བསྒྲགས་གཏམ་གྱི་དུམ་ཚན་མཐའ་མ་ལས་བཏོན་པའོ།
སྤྱི་ལོ་༡༩༦༠ རེ་གྲངས་ཀྱི་འགོ་སྟོད་ནས་ཅེག་སི་ལོ་ཝ་ཀི་ཡ་(Czechoslovakia)ནང་ཆབ་སྲིད་ཀྱི་གནས་སྟངས་དེ་རིམ་བཞིན་གུ་ཡངས་སུ་སོང་། སྤྱི་ལོ་༡༩༦༠ ལོ་དང་། ༡༩༦༢། ༡༩༦༥ བཅས་ཀྱི་ལྔ་པའི་ཉེས་ཅན་གུ་ཡངས་སྐབས་སུ་ཆབ་སྲིད་བཙོན་པ་ཕལ་ཆེ་བ་ཀློད་གྲོལ་བཏང་ཡོད་ལ། ད་དུང་གལ་གནད་ཆེ་བའི་རིག་གཞུང་སླར་གསོ་བྱུང་ཞིང་། དེའི་ངོ་མཚར་ཆེ་ཤོས་ཀྱི་རྟགས་མཚན་གྱི་དཔེར་མཚོན་དེ་ནི་ཅེག་སི་ལོ་ཝ་ཀི་ཡའི་རླབས་གསར་(Czechoslovak NewWave)ཞེས་པའི་འཛམ་གླིང་ནང་གྲགས་ཅན་གློག་བརྙན་དེ་ཡིན། ཤེས་རིག་བསྟི་གནས་ཁང་རྣམས་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་སེལ་ཕྱིར་ལེགས་བཅོས་འཆར་འགོད་བྱས་ཡོད།